Dowbuilt team member

ཁྱེད་རང་འདིར་ཕེབས་པར་ཐུགས་རྗེ་ཆེ།

ཁྱེད་རང་ཌོ་རྦིལ་ཊི་ (Dowbuilt) ཡི་ཁོངས་མིར་གྱུར་བར་ང་ཚོར་དགའ་སྤྲོ་སྐྱེས་ཤིང་།

ས་གནས་དང་སྡེ་ཚན་གཞན་པ་ཁག་ཏུ་གོ་སྐབས་འཚོལ་ཞིབ་དང་སྙན་ཞུ་འབུལ་རྒྱུ་སྟབས་བདེ་བཟོ་འདོད་བྱུང་། འདེམས་སྒྲུག་ཚོགས་ཆུང་གིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་ནང་ཁུལ་སྙན་ཞུ་ལ་བསྐྱར་ཞིབ་དང་མཇུག་སྐྱོང་འཕྲལ་དུ་བྱེད་ཀྱི་ཡིན། ཕྱི་ནང་གཉིས་ཀའི་འོས་མི་ལ་བསྐོ་བཞག་བྱེད་ཕྱོགས་ཀྱི་ཞིབ་བཤེར་འགྲོ་ལུགས་རྣམ་བཞག་གཅིག་མཚུངས་ལག་བསྟར་བྱ་རྒྱུ་དང་། དེ་ཡང་ཁྱེད་ཀྱི་ཕྱོགས་ནས་དུས་ཚོད་དང་། བཟོད་སྒོམ། འབད་བརྩོན་གནང་སྟེ་ཕན་ཚུན་གཉིས་ཀར་འོས་འཚམས་བདེ་བོ་ཡོང་ཐབས་བྱེད་དགོས། 

ཁྱེད་ཀྱིས་ལས་གནས་གསར་པ་ཞིག་ལ་སྙན་ཞུ་འབུལ་རྒྱུར་གྲ་སྒྲིག་ཡོད་ཚེ། ནང་ཁུལ་འོས་མིའི་སྙན་ཞུ་བེད་སྤྱོད་བྱ་རྒྱུ།

If you would like to read this page in English, click HERE.

Si desea leer esta página en español, haga clic AQUÍ.

སྙན་ཞུ་འབུལ་བའི་སྔོན་ལ་རང་གིས་རང་ལ་དྲི་བ་འདྲི་རྒྱུ།

 

འབྲེལ་ལམ་ཡག་པོ་རྒྱུན་འཛིན་དང་འཇོན་ཐང་ར་སྤྲོད་བྱ་རྒྱུར་ང་ད་ལྟའི་ལས་གནས་ཐོག་དུས་ཚོད་འདང་ངེས་བསྡད་ཡོད་དམ།

ཌོ་རྦིལ་ཊི་ (Dowbuilt) རུ་ས་གནས་དང་སྡེ་ཚན་ཕྱི་རོལ་གང་རུང་དུ་ལས་གནས་བརྗེ་སྤོར་བྱེད་ཆོག་འོས་ཆོས་ནི་ཟླ་བ་དྲུག་ (༦) ཡིན། དབུ་འཛིན་ (Principals) དང་བསྐོ་བཞག་འགན་འཛིན་ (hiring managers) རྣམས་ཉུང་མཐའ་ཡང་ཟླ་དྲུག་ནས་ལོ་གཅིག་བར་ལས་འཁུར་ཞུས་པའི་འོས་མི་ཚོར་དགའ་མོས་ཡོད།

ངས་ད་ལྟའི་ལས་ཀ་ཇི་འདྲ་བྱེད་ཀྱི་འདུག

གལ་སྲིད་ཁྱེད་ཀྱིས་རང་གི་ལས་འཁུར་ཞུ་ཕྱོགས་ལ་བསམ་ཚུལ་ལེན་འདོད་ཡོད་པའམ་ཡང་ན་ཌོ་རྦིལ་ཊི་ (Dowbuilt) ནང་ཁུལ་དུ་གོ་སྐབས་གསར་བ་འཚོལ་ཞིབ་མ་བྱས་པའི་སྔོན་ལ་སློབ་སྟོན་ཞུ་འདོད་ཡོད་ཚེ། ཁྱེད་ཀྱི་འགན་འཛིན་ལ་ཐུག་འདོད་ཡོད་སྐོར་རེ་འདུན་ཞུ་རྒྱུ།

ང་ལ་ལག་རྩལ་དང་། ནུས་ཤུགས། སེམས་ཤུགས་ཇི་འདྲ་འདུག

རང་ཉིད་ཀྱི་ནུས་ཤུགས་དང་། ཆེད་ལས་སེམས་ཤུགས། དགའ་ཕྱོགས་ངོ་མ་ཇི་ཡོད་ལ་དྲང་པོའི་ཐོག་ནས་བལྟ་རྒྱུ། དེ་དག་གིས་ཁྱེད་ལ་འོས་འཚམས་ཆེ་བའི་ལས་ཀའི་ས་མིག་སྟོང་པ་ངོས་འཛིན་བྱ་རྒྱུར་རོགས་རམ་བྱེད་ངེས།

ང་རང་ངོ་ཐུག་འདྲི་གླེང་ (interview) ལ་གྲ་སྒྲིག་རེད་དམ།

བཟོམ་ (ZOOM) དྲ་བའི་ཐོག་ནས་ཚོད་ལྟ་ཞིག་བྱོས་དང་། འདེམས་སྒྲུག་མི་སྣ་དང་བསྐོ་བཞག་འགན་འཛིན་མཉམ་དུ་བརྙན་ལམ་དང་ཁ་པར་རམ་ཡང་ ན་མི་དངོས་ངོ་ཐུག་བརྒྱུད་ནས་ངོ་ཐུག་འདྲི་གླེང་བྱ་རྒྱུར་སྔོན་ཚུད་ནས་གྲ་སྒྲིག་བྱ་རྒྱུ།

ཡིད་ལ་འཛིན་དགོས་པ།

ལས་བྱེད་གསར་པར་ཐོག་མའི་སྒུག་ཡུན་དུས་ཚོད་ཅིག་ཡོད།

ཌོ་རྦིལ་ཊི་ (Dowbuilt) ཡི་ལས་བྱེད་རྣམས་ལས་འཁུར་ཞུས་ནས་ཐོག་མའི་ཟླ་དྲུག་རིང་ནང་ཁུལ་གནས་སྤོར་བྱེད་པའི་འོས་ཆོས་ཚང་གི་མེད། དེ་ཡིས་ཁྱེད་ལ་ལས་ཀ་གསར་པར་ཤེས་རྟོགས་དང་ང་ཚོར་ཁྱེད་ཀྱི་སྐོར་རྒྱུས་ལོན་བྱ་རྒྱུར་དུས་ཚོད་སྤྲོད་ཐུབ།

ནང་ཁུལ་འོས་མིའི་སྙན་ཞུ་ནི་གནས་སྤོར་འགན་ལེན་བྱས་པ་ཞིག་མིན།

ད་ལྟའི་ལས་བྱེད་ཀྱིས་གནས་སྤོར་སྙན་ཞུ་ཕུལ་བ་ཙམ་གྱིས་ཌོ་རྦིལ་ཊི་ (Dowbuilt) ལ་ལས་འཁུར་ཞུས་ཡུན་ལ་ལྟོས་མེད་ཀྱིས་ས་གནས་བརྗེ་སྤོར་བྱ་རྒྱུར་འགན་ལེན་བྱས་པ་ཞིག་མིན་པ་དགོངས་འཇགས་གནང་རོགས།

ས་གནས་བརྗེ་སྤོར་བྱེད་པར་རོགས་རམ་ཡོད།

གལ་ཏེ་ཌོ་རྦིལ་ཊི་ Dowbuilt ཡིས་ཁྱེད་རང་ས་གནས་གཞན་དུ་གནས་སྤོ་བྱེད་རོགས་ཞེས་བཤད་ཚེ། ཁྱེད་ཀྱི་དངོས་འབྲེལ་གནས་སྤོའི་འགྲོ་གྲོན་ ༡༠༠% ནར་གཏོང་བྱེད་ངེས། ཁྱེད་ལ་གནས་སྤོའི་རེ་སྐུལ་ཞུས་དོན་ལྟར་ཆོག་མཆན་ཐོབ་ནའང་རྒྱུས་མངའ་མེད་པའི་ས་གནས་དེའི་སྐོར་ལ་བསམ་ཞིབ་བྱེད་སྐབས། ས་གནས་ དེར་གནས་ཚུལ་རྟོག་ཞིབ་ཆེད་དུ་འགྲོ་སྐྱོད་བྱེད་པའི་ཐད་ངོ་ཐུག་འདྲི་གླེང་ངམ་བཅར་འདྲི་དང་འདེམས་སྒྲུག་བྱ་རིམ་གྱི་མཐའ་མའི་དུས་སྐབས་སུ་གྲོས་བསྡུར་ བྱེད་ཀྱི་ཡིན། གལ་ཏེ་ཁྱེད་ཀྱི་ངོས་ནས་ཌོ་རྦིལ་ཊི་ Dowbuilt ལ་ཚོང་ལས་ཡོད་ས་དང་ལས་ཀ་བྱེད་ཆོག་དེབ་སྐྱེལ་བྱས་ཡོད་པའི་ས་གནས་ཤིག་ཏུ་གནས་སྤོ་བྱེད་འདོད་ རེ་འདུན་བཏོན་ཚེ། ཁྱེད་ཀྱི་འགན་འཛིན་གྱིས་གནས་སྤོ་དེར་ཕར་ཚུར་གཉིས་ཕན་གྱི་ངོ་བོའི་ཐོག་ནས་ཆོག་མཆན་སྤྲོད་རྒྱུ་དང་། ཁྱེད་ཀྱི་དངོས་འབྲེལ་གནས་སྤོའི་ འགྲོ་གྲོན་ ༥༠% ནར་གཏོང་བྱེད་ངེས། ཐུགས་སྣང་གནང་རྒྱུ་ཞིག་ལ་ལས་བྱེད་ཅིག་གིས་དང་བླངས་ཐོག་ནས་ཀམ་པུ་ཎི་ (company) ལ་ཚོང་ལས་ མེད་ས་དང་ལས་ཀ་བྱེད་ཆོག་དེབ་སྐྱེལ་བྱས་མེད་པའི་ས་གནས་ཤིག་ཏུ་གནས་སྤོ་བྱེད་ཚེ། ཌོ་རྦིལ་ཊི་ Dowbuilt ཡིས་གནས་སྤོའི་ཆེད་དུ་མཐུན་འགྱུར་ རོགས་རམ་བྱེད་ཀྱི་མིན། གནས་ཚུལ་ཞིབ་ཕྲ་ཌོ་རྦིལ་ཊི་ Dowbuilt ཡི་རྒྱང་རིང་ལས་འཁུར་རམ་དྲ་ཐོག་ལས་འཁུར་ཞུ་ཕྱོགས་ (Remote Work/Telecommute) སྒྲིག་གཞི་ལ་གཟིགས་རྒྱུ།།

འགན་འཛིན་དང་ས་གནས་དབུ་འཛིན་ལ་བརྡ་ཁྱབ་གཏོང་དགོས་ཀྱི་ཡོད།

ཁྱེད་ཀྱི་འགན་འཛིན་དང་ས་གནས་དབུ་འཛིན་ལ་ཁྱེད་རང་གནས་རིམ་སྤར་བ་འམ་ལས་གནས་བརྗེ་སྤོར་བྱེད་པའི་མངོན་འདོད་ཡོད་སྐོར་ལས་གནས་སྤྲོད་གཏན་མ་འཁེལ་སྔོན་ལ་བརྡ་ཁྱབ་གཏོང་ངེས། ཡིན་ནའང་ལས་བྱེད་རང་ངོས་ནས་སོ་སོའི་འགན་འཛིན་ལ་བརྡ་ལན་སྤྲོད་རྒྱུར་འབོད་སྐུལ་ཞུ་གི་ཡོད།

ལས་ཆོད་ཞིབ་བཤེར་ (Performance evaluations)

བསྐོ་བཞག་འགན་འཛིན་གྱིས་ངོ་ཐུག་འདྲི་གླེང་བྱ་རིམ་ཁྲོད་དུ་ཁྱེད་ཀྱི་དེ་སྔའི་ལས་ཆོད་ཞིབ་བཤེར་སྐོར་ལ་བསམ་ཞིབ་བྱ་ངེས།

ལས་འགན་ཞུ་སྒོའམ་ས་གནས་གསར་པར་གནས་སྤོར་བྱ་རྒྱུའི་དུས་ཚོད་ཐུང་ངུ་ཞིག་ལས་མེད།

ལས་འགན་ཞུ་སྒོའམ་ས་གནས་གསར་བ་སྤྲད་པར་ངོས་ལེན་དང་ལས་ཀ་འགོ་འཛུགས་མ་བྱེད་བར་དུ་ཉུང་མཐར་བདུན་ཕྲག་བཞིའི་(༤)དུས་ཡུན་ཡོད། དེ་ཡིས་ཁྱེད་ཀྱི་དེ་སྔའི་རུ་ཁག་གིས་ཁྱེད་རང་རྡོག་ཐོན་ཕྱོགས་སྐྱོད་བྱ་རྒྱུ་དང་ཁྱེད་ཀྱི་ལས་ཚབ་བསྐོ་བཞག་དང་སྦྱོང་བརྡར་སྤྲོད་རྒྱུར་གྲ་སྒྲིག་བྱེད་པའི་དུས་ཚོད་སྤྲོད་ཐུབ།

ང་ཚོའི་ད་ལྟའི་ལས་ཀའི་ས་མིག་སྟོང་པ་འཚོལ་ཞིབ།

མར་འདེད་མདའ་རྟགས་བརྒྱུད་ནས་ས་མིག་སྟོང་པའི་ལས་གནས་ཚང་མར་བལྟ་རྒྱུའམ་ཡང་ན་ཚད་མཐོའི་འཚོལ་བཤེར་ (Advanced Search) སྒམ་མིག་སྤྱད་དེ་ལས་ཀའི་མིང་གནས་སམ་ས་གནས་བྱེ་བྲག་འཚོལ་ཞིབ་བྱ་རྒྱུ།


 

ཁྱེད་ལ་ལས་གནས་གསར་པ་ཞིག་ལ་སྙན་ཞུ་འབུལ་རྒྱུར་གྲ་སྒྲིག་ཡོད་ཚེ། ནང་ཁུལ་འོས་མིའི་སྙན་ཞུ་བེད་སྤྱོད་བྱ་རྒྱུ།།